Announcements/通告

Announcements-1
Announcements-2
Announcements-3
Englishགསལ་བསྒྲགས།通告

ANNUAL SACRED FESTIVAL OF
THE BUDDHA OF MEDICINE

For the fulfilment of one’s spiritual aspirations in this life without facing obstacles such as illness and poverty, the most reliable basis is purification of negative karma and accumulation of merit. This method is also the most reliable method to attain higher rebirth in the next life, and to attain the most extensive rewards for both one and others also.

At this monastic seat, we have many great practices in this matter. These practices are sacred traditions passed down as living tradition. One of these is the sacred celebration of the Buddha(s) of Medicine.

Buddha Shakyamuni has said in the Vaidurya Sutra: “Whoever hears this Tathagata’s name will be free from taking lower rebirth and sufferings of lower realms of existence”. The great Atisha(980-1054 A.D.), who spent the last fourteen years of his life in Tibet, has also said: “Just hearing this (Tathagata’s) name will remove the sufferings of lower rebirths”. As such, even hearing the blessed name of the Eight Buddhas of Medicine closes the door to being reborn in the lowerrealms in future lives.

Moreover, participating in sacred practices based on the Buddha(s) of Medicine has many
profound benefits.

  1. The person will not fall victim to any obstacles from any kind of negative forces.
  2. That person’s negative karmas, which results in lower rebirth, will diminish soon.
  3. Those with powerful karmas that lead to lower rebirths because of miserliness, breached moral ethics, negative pride and jealousy, will be freed of lower rebirth and shall have full-fledged happiness upon hearing this name, and become irreversible from the state of Buddhahood.
  4. Even those already born in lower rebirths will be freed from that state of birth upon recollecting this name.
  5. Those that have breached shīla or moral ethics: if any such individual recites the name-mantra of this Buddha as required, will be purified of the ripened karmic result of that breach.
  6. For rebirth in Buddha Realms, hearing this Buddha’s name or reciting it in prayer is more profound and swifter than praying for the same with Buddha Amitābha’s sacred name.

These great benefits, among many others, are recorded in A Hundred Benefits: Sutra of the Medicine Buddha and others.

To enable the faithful to obtain these benefits through purification and accumulation of merit, and to propagate the Buddha’s Dharma, and for the benefit of the welfare of the Sangha communities and spiritual masters in all the directions, we at Serpom Monastery hold this Medicine Buddhas’ Sacred Festival every year.

This year also, in accordance with living tradition, we will hold the Annual Sacred Festival of the Buddhas of Medicine, at our monastery from October 12 to 18, 2016.

More than five hundred Sangha members, including reincarnated masters, seniors, and students,will hold this sacred festival. It is open to the public. Individuals, families, groups and organizations wishing to participate, make offering, visit the site, etc. may kindly contact us at:

Fax : 0091 8223 258111
Phone : 0091 8223 258110,112
Email : serpom@ymail.com

སྨན་བླའི་སྒྲུབ་མཆོད་ཆེན་མོ།

༄༅། །རང་གི་ཚེ་འདི་དང་ཕྱི་མ་གཉིས་ཀར་ན་ཚ་དང་དབུལ་ཕོངས་སོགས་ཀྱི་དཀའ་ངལ་མེད་པའི་ཐོག་ཆོས་དང་མཐུན་པའི་བསམ་དོན་རྣམས་འགྲུབ་པ་དང་། ཚེ་ཕྱི་མར་ཡང་བདེ་འགྲོའི་གོ་འཕང་ཐོབ་ཅིང་། དེའི་ཐོག་ནས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེད་ཐུབ་པ་བཅས་ཀྱི་ཐབས་ལམ་བརྟན་ཤོས་དེ་བསགས་སྦྱང་གི་ཐབས་ཟབ་མོ་ལ་འབད་པ་དེ་ཡིན། དེའི་ཐོག་ལ་ང་ཚོའི་ཆོས་སྡེ་ཆེན་པོ་འདིར་མཐོང་བ་བརྒྱུད་པའི་ཕྱག་ལེན་གཟི་བརྗིད་ཆེ་ཞིང་བྱིན་རླབས་ཀྱི་རྒྱུན་མ་ཉམས་པ་མང་པོ་ཞིག་ཡོད་པ་ལས། སྐབས་སུ་བབས་པ་དེ་བཞིན་གཤེགས་པ་སྨན་བླའི་སྐོར་ལ། བཻཌཱུརྱའི་མདོ་ལས། དེ་བཞིན་གཤེགས་པ་དེའི་མཚན་སུའི་རྣ་ལམ་དུ་གྲགས་པར་གྱུར་པ ་དེ་ངན་འགྲོའི་སྡུག་བསྔལ་སེལ། ཞེས་དང་། མཉམ་མེད་ཇོ་བོ་རྗེས་ཀྱང་། མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། ཞེས་སོགས་གསུངས་ཡོད་པར་བརྟེན། བཅོམ་ལྡན་འདས་སྨན་བླ་བདེ་གཤེགས་བརྒྱད་ཀྱི་མཚན་ཐོས་པ་ཙམ་གྱིས་ངན་སོང་དུ་མི་སྐྱེ་བ་ཡིན། གཞན་ཡང་། སྨན་བླའི་ཐོག་ནས་དགེ་སྦྱོར་བྱས་ན་བདུད་ཀྱི་རིགས་ཀྱི་བར་ཆད་ཀྱི་རིགས་གང་གིས་ཀྱང་མི་ཚུགས་པ་དང་། ཤི་ནས་ངན་འགྲོར་སྐྱེ་རྒྱུའི་ལས་སྒྲིབ་མྱུར་དུ་ཟད་པ། སེར་སྣ་དང་ཚུལ་ཁྲིམས་འཆལ་བ་དང་ང་རྒྱལ་དང་ཕྲག་དོག་གི་ངན་འགྲོའི་རྒྱུ་སྟོབས་ཆེན་རྣམས་ཀྱང་འདིའི་མཚན་ཐོས་པས་ངན་འགྲོ་ལས་ཐར་ཞིང་བདེ་བ་ཕུན་སུམ་ཚོགས་པ་ཡོང་བ་དང་། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། འགའ་ཤས་ངན་འགྲོར་སྐྱེས་ཟིན་ནའང་འདིའི་མཚན་དྲན་པ་ཙམ་གྱིས་སྐྱེ་གནས་དེ་ལས་ཐར་བ། བསླབ་འཆལ་བྱུང་ནའང་འདིའི་གཟུངས་སྔགས་ཚུལ་བཞིན་བརྗོད་ན་ཚུལ་འཆལ་གྱི་རྣམ་སྨིན་བྱང་བར་འགྱུར་བ། བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་པ་ལ་ཡང་རྒྱལ་བ་འོད་དཔག་མེད་ཀྱི་མཚན་བརྗོད་གསོལ་བཏབ་ལས་ཀྱང་འདིའི་མཚན་བརྗོད་ཅིང་ཐོས་པ་དེ་མྱུར་ཅིང་ཟབ་པར་གསུངས་པ་སོགས་ཀྱིས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་ཡོད། སྨན་མདོ་བརྒྱ་པ་སོགས་ལས་བྱུང་བའི་རང་གཞན་འབྲེལ་ཡོད་དང་བཅས་པར་འདི་དང་ཕྱི་མར་གོང་གསལ་ཚོགས་བསགས་སྒྲིབ་སྦྱོང་གི་ཕན་ཡོན་དང་། གཙོ་ཆེར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་དང་བླ་མ་སྐྱེ་ཆེན་དམ་པ།སེམས་ཅན་གྱི་བདེ་སྐྱིད་བཅས་ཉག་གཅིག་ལ་དམིགས་ནས་ལོ་ལྟར་སྒྲུབ་མཆོད་འཚོགས་མུས་བཞིན། འདི་ལོ་ཡང་སེར་སྤོམ་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་ཕྱི་ལོ་ ༢༠༡༦ ཕྱི་ཟླ ༡༠ ཚེས ༡༢ ནས ཚེས ༡༨ བར་བདུན་ཕྲག་གཅིག་གི་རིང་། བླ་སྤྲུལ་དགེ་འདུན་བརྒྱ་ཕྲག་ལྔས་སྨན་བླ་བདེ་གཤེགས་བརྒྱད་ཀྱི་སྒྲུབ་མཆོད་ཆེན་མོ་མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་འཚོགས་རྒྱུ་གཏན་འཁེལ་ལགས་ན། དེའི་ཆེད་དུ་ཚོགས་བསགས་དང་བསྙེན་བཀུར་དང་འབྲེལ་མཚོན་གནང་འདུན་ཡོད་རིགས་ནས་གཤམ་གསལ་ཁ་བྱང་མྱུར་འཕྲིན་དང་ཁ་པར་རམ་གློག་འཕྲིན་ཐོག་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།    གདན་ས་ཆེན་པོ་སེར་སྤོམ་ཐོས་བསམ་ནོར་གླིང་གྲྭ་ཚང་ནས།

药师修供大法会

能使自己今生及来世,远离疾病及贫穷等痛苦,并实现如法愿望,来世证 得善趣果位,圆满自他二利,其最坚实的方法,就是努力于积资净障的甚 深方便。关于这方面,在本寺之中仍有着许多规模弘大、加持传承尚未退 失的传统实修作法,近日即将举行者即为药师如来法会。《药师琉璃光如 来本愿经》云:唯耳闻彼如来名号者,当消恶趣之苦。无与伦比之阿底峡 尊者亦云:唯闻名号即消恶趣苦等,故唯听闻世尊药师八如来名号者,不 生恶趣。

再者,以药师法门行善,不会遭受任何种类的魔障;死后堕生恶趣之业障 恶因迅速消尽;悭吝、犯戒、我慢、嫉妒等重大恶趣之因亦由闻此如来名号,当即解脱恶趣之业,获得圆满安乐,于无上菩提永不退转;或有堕生 恶趣,亦唯以听闻此佛名号,即得离彼生处;虽违犯学处,若能如理念诵 此佛名号咒语,破戒异熟当得清净。欲往生极乐世界,念诵、听闻此佛名 号,亦较念诵无量光佛名号及作祈祷更为深速。经中说有如是等不可思议功德。

诵持药师经百遍等所得功德,能令自他诸有缘者皆有如上所说积资净障之 利益,有缘于此,更为佛陀圣教、十方僧团与诸上师、大士常住世间,有 情众生悉得安乐,色邦闻思宝洲札仓每年均依例举行修供法会。今年亦订

于藏历八月十一日至十六日(即公元2016年10月12日至10月18日)一周 期间,由五百位上师活佛及僧团大众,依传统实修作法,启建药师八如来 修供大法会。诸位善信,凡有意 积资净障及承事供养者,请与色邦札仓连系。连系方式如下:

传真:+91 8223 258111
电话:+91 8223 258110,112
电邮:serpom@ymail.com